༢༠༢༡ ལོའི་འོས་བསྡུའི་ཆེད་དུ་དྲི་བ་ཐོ་བཀོད་གནང་རོགས།

“འདི་ནི་མཁོ་ཞིང་དུས་ལ་མཚམས་པའི་སྣེ་ཁྲིད་ཅིག་རེད་འདུག ངེད་ཚོའི་བཙན་བྱོལ་གྱི་དམངས་གཙོའི་ལམ་ལུགས་འདི་ནི་འཕེལ་བཞིན་པ་དང་ངེད་ཚོས་གསར་དུ་ཤེས་བཞིན་ཡོད་རེད། རྣམ་དཔྱོད་ལྡན་པའི་འོས་ནི་ཡོ་བྱད་ཁྱད་དུ་འཕགས་པ་ཞིག་རེད་འདུག་པས་བོད་མི་ཚོས་འཕྲུལ་ཆས་འདི་བེད་སྤྱོད་བཏང་བའི་རེ་བ་ཡོད།”

འགེངས་ཤོག་ཁ་འབྱེད།

རྣམ་དཔྱོད་ལྡན་པའི་བོད་མིའི་འོས་གང་འདྲ་སྒྲུབ་ཐུབ།

༡་ མི་དམངས་གིས་དྲི་བ་འདྲི་ནས་མཉམ་ཞུགས་བྱ།

༢་ དེ་ནས་སྲིད་སྐྱོང་དང་སྤྱི་མཐུས་འོས་མི་རྣམས་ཀྱིས་དྲི་བ་ ༣༠ ལན་གདབ།

༣་ བཀོལ་བདག་ (འོས་ཤོག་བླུགས་མཁན་) རྣམས་ཀྱིས་དྲ་ལྗོངས་འདིའི་ནང་དྲི་བ་དེ་དག་གཅིག་པར་ལན་གདབ།

༤་ བཀོལ་བདག་རྣམས་ཀྱི་ཆབ་སྲིད་བསམ་ཕྱོགས་དང་ཇི་མཐུན་སྲིད་སྐྱོང་ངམ་སྤྱི་མཐུས་འོས་མི་གོ་རིམ་བཞིན་ངོ་སྤྲོད་བྱུང་ཐུབ།

ལས་འཆར་གྱི་སྐོར།

རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཞེས་པ་ནི་༼དམངས་གཙོའི་ལས་འཆར་༽གྱིས་སྣེ་ཁྲིད་བྱས་པ་ཞིག་ཡིན་པ་དང་། ཚོགས་པ་འདི་ནི་ཆབ་སྲིད་ཚན་རིག་དང་། ལོ་རྒྱུས། སེམས་ཁམས་རིག་པ། གློག་ཀླད་འཕྲུལ་ཆས། འགྲོ་བ་མིའི་ཐོབ་ཐང་སོགས་ཤེས་ཡོན་གྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པོ་དང་ལྡན་པའི་ཤེས་ལྡན་བོད་མིའི་མཉམ་ཞུགས་ཀྱི་སྣེ་ཁྲིད་བྱས་པའི་ལས་གཞི་ཞིག་རེད། རྣམ་དཔྱོད་ལྡན་པའི་འོས་ཞེས་པའི་སྡིངས་ཆ་འདི་ཐོག་མར་སུད་སི་པོ་ལི་ཀྲུལས་བཟོ་ལས་ཁང་གིས་ ༢༠༠༣ ནང་གསར་སྐྲུན་གནང་ཚརཡོད་པ་། དེ་ལས་ང་ཚོས་སྤྱོད་བཞིན་པའི་མིང་འདི་དཔེར་ལེན་པ་ཞིག་ཡིན། དེ་བཞིན་ས་གནས་དང་རྒྱལ་ཁབ་ཀྱི་འོས་ཤོག་ཐབས་ལམ་མ་ལག་སུད་སི་དང་། ཨོས་ཀྲི་ལི་ཡ། ལུཀ་ཙམ་བཀ།ཨོས་ཀྲི་ཡ། སི་ཀོཌ་ལེཌ། དེ་བཞིན་ཡུ་རོབ་མཉམ་འབྲེལ་ལ་སོགས་པས་ཀྱང་ལག་བསྟར་བྱས་ཏེ་ལེགས་གྲུབ་ཆེན་པོ་བྱུང་ཡོད།